琼赛若 - 黎智坚措
词:阿翅
曲:黎智坚措
编曲:旦旦
吉他:文子
录音/混音/母带处理:千朵音乐
统筹:卢洋/杨颖
发行策划:王雅丽/阿斯根
出品:D&M千朵音乐@东方腔调
【未经著作权人许可 不得翻唱 翻录或使用】
ང་ཚོ་མཉམ་དུ་འདི་ལ་འཛོམས་འཛོམས། ནང་ལ་ཆང་གསོལ་རོགས།
ང་ཚོ་མཉམ་དུ་འདི་ལ་འཛོམས་འཛོམས། ནང་ལ་ཆང་གསོལ་རོགས།
ཨོ་ཨོ་་་་་་་་་་་་་་་་་་་་
ང་ཚོ་མཉམ་དུ་འདི་ལ་འཛོམས་འཛོམས། ནང་ལ་ཆང་གསོལ་ལོ།
ང་ཡི་བྱིས་དུས་རྩྭ་ཐང་ཁོ་ལ་འབྲེལ་བ་མེད་ཀྱང་ཆོག །
ང་ཡི་ལང་ཚོ་རྟ་ཕོ་སྔོ་སྔོ་འབྲེལ་བ་མེད་ཀྱང་ཆོག །
རྨི་ལམ་ནང་གི་ཁ་བའི་མེ་ཏོག་ང་ཡི་སེམས་ལ་བབས།།
མངོན་སུམ་ཁྲོད་ཀྱི་ལྐོག་བཤད་ཐན་ཐུན་རྒྱང་རིང་ཡུལ་ལ་སྦས།
དཔུང་བ་གཤིབ་པའི་གཞོན་པ་ང་ཚོ་ད་དུང་ལམ་དུ་ཡོད།
སེམས་དང་སེམས་པ་གསེར་ཡིན་མི་ཟེར་རུས་པ་དུང་ཡིན།
ལུས་ཀྱི་ཆ་ལུགས་གཅིག་ཡིན་མི་ཟེར་ངོ་མདང་གཅིག་ཡིན།
བསླབས་པའི་ཤེས་བྱ་གཅིག་ཡིན་མི་ཟེར་རྨི་ལམ་གཅིག་ཡིན།
ནང་སེམས་ཀྱི་རྒྱུད་སྐུད་དཀྲོལ་ཐེངས་རེར།
ང་ཡི་ཕུགས་བསམ་ཉི་རྩེ་བཞིན་དུ་འཕྱུར།
ང་ཡི་བརྩེ་དུང་མེ་ཕུང་བཞིན་དུ་གཡོ།
ང་ཡི་དྲན་པ་སྨུག་པ་བཞིན་དུ་རྒྱུ།
གྲོང་ཁྱེར་འདི་ལ་འུར་ཟིང་ཆེ་ཡང་།
མི་ཚོགས་རྒྱ་མཚོ་ཡོམ་ཡོམ་འགུལ་ཀྱང་།
ང་དང་གཞོན་པའི་མིག་ཟུང་ནང་ལ།
ཐག་རིང་ཡུལ་གྱི་གངས་རི་ཤར།
ང་ཚོ་མཉམ་དུ་འདི་ལ་འཛོམས་འཛོམས། ནང་ལ་ཆང་གསོལ་རོགས།
ང་ཚོ་མཉམ་དུ་འདི་ལ་འཛོམས་འཛོམས། ནང་ལ་ཆང་གསོལ་རོགས།
ཨོ་ཨོ་་་་་་་་་་་་་་་་་་་་
ང་ཚོ་མཉམ་དུ་འདི་ལ་འཛོམས་འཛོམས། ནང་ལ་ཆང་གསོལ་ལོ།
ང་ནི་གྲོང་ཁྱེར་ཞིག་གི་འདུ་འཛིའི་ཁྲོད་ཀྱི་མི་ཞིག་ཡིན།
ང་ནི་འཁོར་བའི་ནང་ན་སེམས་པ་འཁྱག་པའི་མི་ཞིག་ཡིན།
ང་ནི་བདེ་མོ་ཐང་ན་མེ་ཏོག་སྒུམ་པའི་མི་ཞིག་ཡིན།
ང་ནི་ན་གཞོན་ཞིག་གི་རལ་བ་ཐོགས་པའི་མི་ཞིག་ཡིན།
ལན་རེར་བདེན་པའི་གཏམ་ཞིག་སེམས་ལ་བབས་ཀྱང་།
ཨམ་ཅོག་ཚུར་ལ་གཡར་བའི་མི་ཞིག་མ་རྙེད།
མི་སེམས་སྙི་མོ་ཡུལ་གྱི་མི་ཁས་གཙབས་ཀྱང་།
ལམ་ཕྲན་ཀྱ་ཀྱུ་རེ་ལ་བརྩེ་བའི་མེ་ཏོག་བཏབ།
གངས་དཀར་སེམས་ལ་མེ་ཏོག་བཞད།
མགྲིན་པའི་དཀྱིལ་ལ་དབྱངས་ཀྱི་ཨ་ཡིག་བབས།
མ་བརྟག་སྐད་ཆ་མི་གསུངས་རོགས།
རང་རང་སོ་སོར་ལས་ཀྱི་བཀོད་པ་ཡོད།