城市藏人

城市藏人

黎智坚措

歌曲:城市藏人

专辑:城市藏人(CITYTIBETAN)

歌手: 黎智坚措

歌詞

<CITY TIBETAN城市藏人> གྲོང་ཁྱེར་བོད་པ།
演唱:黎智坚措UNCLEBUDDH $T
词作:索南才让
曲作:黎智坚措UNCLEBUDDH $T/徐怡晗
编曲:徐怡晗
编曲 徐振阁
录音:魔力未来OGEN乐乐
混音:朱海
ས་འཛམ་བུ་གླིང་གི་ཤར་ཀྱི་ཕྱོགས། (TURN UP)
རི་བོ་ཧི་མ་ལ་ཡའི་ནང་རོལ་དུ། (TURN UP)
འདི་ན་གནམ་གྱི་ཁྲི་བདུན་བར་གྱི་ལེགས་དྲུག ས་ཡི་སྡེ་བརྒྱད་ལ་ཡ།
རྒྱལ་རབས་དང་རྒྱལ་རབས་བྱས་བོད་ཁམས་བསྐྱངས་བཟིག(HU)
བློན་སློབ་དཔོན་ཐོན་མིས་ཡི་གེ་གསར་བཟོ་མཛད་བཟིག
ལྗོངས་འདི་ལ་ཤེས་རིག་གི་འོད་འཕྲོ།
འདིར་སྔོན་བྱུང་གི་ལོ་རྒྱུས་ངོ་མཚར་ཆེ་ཡ། (OH)
ད་ལྟའི་ལོ་རྒྱུས་བཤད་སྲོལ་མེད།
ད་ལྟའི་གནས་བབས་བཤད་སྲོལ་མེད།
སྣ་རྫོད་པོ་གཅིག་དང་ཞབས་འདྲེན་གཉིས།
སྣ་རྫོད་པོ་གཅིག་དང་ཞབས་འདྲེན་གཉིས་དེ་རིང་ང་ཡིས་ཁྱེད་ཚོར་སྟོབས་ཀྱིས་ལེན།
ནས་ཆང་བཟི་ཁ་བཙན་པོ་བཟི་བར་གྱུར་ན་སྨྱོས།
བཟི་བར་གྱུར་ན་ཆང་འཐུང་སྨྱོན་པ་ཡིན།
ལུས་ནད་པ ལུས་ནད་པ ངག་ནད་པ ངག་ནད་པ ཡིད་ནད་པ ཡིད་ནད་པ་ང་ཚོ་ཡ།
བླ་འཁྱམས་པའི་གདོང་དམར་པོའི་བོད་པ།
བླ་འཁྱམས་པའི་གདོང་དམར་པོའི་བོད་པ།
བླ་འཁྱམས་པའི་གདོང་དམར་པོ་ང་ཚོ་ཀྱེ།
འདི་ང་དང་ང་འདྲའི་བོད་པའི་གཅེས་ཕྲུག་གཅེས་མ།
བོད་སྐད་མི་ཤེས་བོད་ལ་མི་གོན་ཕ་རྒྱུད་དེད་ན་བོད་ཡིན།
མི་ཤེས་མི་ཤེས་ཚང་མས་བོད་སྐད་མི་ཤེས།
བོད་གླུར་མི་དགའ་མ་རྒྱུད་དེད་ན་གདོང་དམར་བོད་ཡིན།
ད་ཟངས་ང་འགྲོགས་ན་དྲི་མག་ཨེ་རེད།
ད་མཆོད་རྟེན་ན་འགྲོགས་ན་དཀར་པོ་ཨེ་ཡིན།
ཡ་དེ་རིང་ཉི་མའི་ཕན་ཆད་འདི་ནས།
ང་མ་ཤི་ཉི་མའི་ཚུན་ཆད་བར་དུ།
ཁ་ཁ་རོག་མི་འདུག་ན་ཟུག་བཤད་ཀྱང་བཤད།
ཁ་ཟ་སྤྱད་ཡིན་ལ་བཤད་སྤྱད་ཀྱང་ཡིན།
ཡ་དེ་རིང་ཉི་མའི་ཕན་ཆད་འདི་ནས།
ང་མ་ཤི་ཉི་མའི་ཚུན་ཆད་བར་དུ།
ཁ་ཁ་རོག་མི་འདུག་ན་ཟུག་བཤད་ཀྱང་བཤད།
ཁ་ཟ་སྤྱད་ཡིན་ལ་བཤད་སྤྱད་ཀྱང་ཡིན།
ཧོ གྲོགས་པོ་གྲོགས་མོ་གསོན་ཅིག་རྣ་བ་བླགས་ཏེ་ང་ལ་ཉོན།
ངས་རང་སྐྱོན་ང་རང་གིས་བཤད། ཕ་སྐད་ཡི་གེ་ཀྱ་ཙེ་གོམ་ཙེ་ཡིན།
གདོང་དམར་ཚང་གི་རྒྱུད ཚང་གི་རྒྱུད་པ་ཡིན། མ་རེད།
ཡུལ་སྲོལ་གོམས་གཤིས་ཆ་ལེ་ཆོལ་འདི་ངོ་ཚ་རེད། འདི་སྨྱིག་རྫོད་རེད་འདི་ཕམ་ཁ་རེད་མ་རེད་གྲོགས་པོ།
གོམས་གཤིས་ཆ་ལེ་ཆོལ་ལུ། ཡུལ་སྲོལ་ཆ་ལེ་ཆོལ།
ཕ་སྐད་ཀྱ་ཙེ་གོམ་ཙེ། ཕ་ཡིག་ཏ་མ་ཏུག
ང་གདོང་དམར་ཚང་གི་རྒྱུད་པ། ཚང་གི་སྨྱིག་རྫོད། ཚང་གི་བླ་སྒུལ།
ང་གདོང་དམར་ཚང་གི་རྒྱུད་པ། ངེད་ཚང་གི་སྨྱིག་རྫོད ངེད་ཚང་གི་བླ་སྒུལ་རེད།
དམར་པོ་ཁྲག་འདི་ཁྲག ང་ཡི་སེམས་་་འདི་ས་འཛམ་པོའི་གླིང་ལ་འཁོར་ཡོད།
ངའི་སྣ་མང་ཤེས་བྱ། ཁྱོད་སྣ་རྐྱང་རིང་ལུགས ། མགོ་སྟོང་ས་གོ་རའི་ནང།
ངས་ལ་ལུང་མྱུལ་མྱུལ་མྱུལརྒྱ་ཧེ། ཚང་གི་ཟོག་རྫི་མི་བྱེད་ལྟོས་ལྟོས་ལྟོས།
བོད་མིན་ན་དཀོན་མཆོག་གསུམ། བོད་སྐད་ཤེས་ན་དཀོན་མཆོན་གསུམ། ཁྱི་ཁ་ཟུམས།
ལུས་ནད་པ ལུས་ནད་པ ངག་ནད་པ ངག་ནད་པ ཡིད་ནད་པ ཡིད་ནད་པ་ང་ཚོ་ཡ།
བླ་འཁྱམས་པའི་གདོང་དམར་པོའི་བོད་པ།
བླ་འཁྱམས་པའི་གདོང་དམར་པོའི་བོད་པ།
བླ་འཁྱམས་པའི་གདོང་དམར་པོ་ང་ཚོ་ཀྱེ།
འདི་ང་དང་ང་འདྲའི་བོད་པའི་གཅེས་ཕྲུག་གཅེས་མ།
བོད་སྐད་མི་ཤེས་བོད་ལ་མི་གོན་ཕ་རྒྱུད་དེད་ན་བོད་ཡིན།
མི་ཤེས་མི་ཤེས་ཚང་མས་བོད་སྐད་མི་ཤེས།
བོད་གླུར་མི་དགའ་མ་རྒྱུད་དེད་ན་གདོང་དམར་བོད་ཡིན།
ད་ཟངས་ང་འགྲོགས་ན་དྲི་མག་ཨེ་རེད།
ད་མཆོད་རྟེན་ན་འགྲོགས་ན་དཀར་པོ་ཨེ་ཡིན།
ཡ་དེ་རིང་ཉི་མའི་ཕན་ཆད་འདི་ནས།
ང་མ་ཤི་ཉི་མའི་ཚུན་ཆད་བར་དུ།
ཁ་ཁ་རོག་མི་འདུག་ན་ཟུག་བཤད་ཀྱང་བཤད།
ཁ་ཟ་སྤྱད་ཡིན་ལ་བཤད་སྤྱད་ཀྱང་ཡིན།
Musicses在線音樂流媒體平臺

登录您的音乐世界

随时随地,畅听无限好歌

或使用社交账号登录

还没有账户? 立即注册

Musicses在线音乐流媒体平台

创建您的音乐账户

加入我们,开启你的专属音乐之旅

或使用社交账号注册

已经有账户了? 前往登录

Musicses
0:00
/
0:00