卡瓦娘吉

卡瓦娘吉

黎智坚措

歌曲:卡瓦娘吉

专辑:城市藏人(CITYTIBETAN)

歌手: 黎智坚措

歌詞

编曲:赫连长泓
录音:魔力未来OGEN乐乐
混音:朱海
此歌献给离我们远去的藏族青年诗人 卡瓦.娘吉
མཚན་ལམ་རིང་མོ་བརྒལ་དུས
ཁྱེད་ཀྱི་སེམས་ངལ་ཡོད་ཚད་ཤེས་མ་ཐུབ
མི་གཤིས་གཉོམ་པོ་དེས་ ད་དུང་ལྟ་བ་འདྲ
ཁྱེད་རང་གང་དུ་བཞུད་སོང་ལགས
ཁྱེད་ཀྱིས་གླེགས་བམ་སྟོང་གི་ཉིན་སྲིབ་འགྲིམ་ནས་རང་གི་བློ་རྒྱ་ནམ་མཁའི་ངོ་བོར་བསྲེས
དཔྱོད་པའི་གཤོག་རུ་བརྐྱངས བདེན་པའི་སྒལ་ཚིགས་བསྲིངས
ཁྱེད་ཀྱིས་བྱིས་པ་དག་ལ་བྱིས་སྒྲུང་བྲིས་ཤིང
རྒན་པོའི་ཚོགས་ལ་བཟང་སྤྱོད་བསྟན
ཁྱེད་ཀྱིས་མི་རབས་གསར་བར་སྙན་ངག་བྲིས་ཏེ
ལྷུག་མའི་ངག་གི་ལང་ཚོ་ངོམ
ཁ་བ ཕོ་ལོ་ཉི་ཤུ་རྩ་དྲུག་ཆེ་རྒྱུ་ཆུང་རྒྱུ་མེད་ཀྱང
མི་ཚེའི་རྐང་རྗེས་རིང་མོ་གངས་རིའི་ལྗོངས་ན་གསལ
ཁྱེད་ཀྱིས་བྱ་བྱིའི་འབའ་འབུའི་ཚོགས་ལ་ཁ་བརྡ་བྱས
ཁྱེད་ཀྱིས་ལྷ་དང་ལྷ་མིན་ཡོངས་ལ་ཀུ་རེ་བསླངས
ཁྱེད་ཀྱིས་མི་ཡུལ་ཁམས་ལ་བརྩེ་བའི་སྙིང་བོ་ཕུལ
ཁྱེད་ནི་ཕ་ཡུལ་ལག་པས་འགྱོག་པའི་གསར་བུ་རྒོད་པོ་ཞིག་ཡིན
ཁྱེད་ནི་གཤིས་ལ་གཉོམ་ཤ་འབར་བའི་འོད་ཟེར་ཚ་པོ་ཞིག་ཡིན
ཁྱེད་ནི་རེ་བ་ཞིག་གི་གཤོག་པ་ཡིན རྨི་ལམ་ཞིག་གི་དབྱར་གཞུང་ཡིན
ཁ་བ ཆུང་འདྲིས་གྲོགས་པོ་ཟེར་བ་འདྲ་མིན་སྣ་ཚོགས་ཡིན་ཡང
ང་ཚོས་ཁྱེད་ཀྱི་འཛུམ་མདངས་ནམ་ཡང་བརྗེད་ཐབས་བྲལ
མཚན་ལམ་རིང་མོ་བརྒལ་དུས
ཁྱེད་ཀྱི་སེམས་ངལ་ཡོད་ཚད་ཤེས་མ་ཐུབ
མི་གཤིས་གཉོམ་པོ་དེས་ ད་དུང་ལྟ་བ་འདྲ
ཁྱེད་རང་གང་དུ་བཞུད་སོང་ལགས
རེ་བའི་རྨི་ལམ་འཚོལ་བའི་ ལོ་ཟླའི་ནང་དུ
འུ་ཅག་གྲོང་ཁྱེར་ཟི་ལིང་ནས་འཛོམས ལན་ཇུ་ལ་འཚོགས
འཚོ་བའི་ཁ་དོག་སྒྲིག་པའི་འགྲུལ་བཞུད་སྐབས་སུ
འུ་ཅག་ལྷ་ས་ནས་འཕྲད པེ་ཅིང་ནས་ཐུག
བརྩེ་བའི་སྤུན་ཟླ བརྩེ་བའི་སྤུན་ཟླ
འདས་ཟིན་པའི་ལོ་ཟླ བརྩེ་བའི་སྤུན་ཟླ
བརྩེ་བའི་སྤུན་ཟླ བརྩེ་བའི་སྤུན་ཟླ བརྩེ་བའི་སྤུན་ཟླ
ཚ་སྨིག་སེམས་ལ་འཐིབ་པའི་དབྱར་གཞུང་ཞིག་ལ
འུ་ཅག་མཚོ་མོའི་འགྲམ་དུ་ལངས་ནས་ཀི་རྒྱངས་བྱས
རླབས་ཀྱི་ལག་པ་གཡར་ནས་རང་གི་མིང་ཡིག་བྲིས
སེམས་ཀྱི་སྐད་ཆ་རེ་རེ་མཚོ་མོའི་གཏིང་ལ་བསྐུར
དེ་དུས་ཁྱེད་ཀྱི་གམ་ན་ང་ཡོད་ཁོ་ཡོད མོ་ཡོད
བརྩེ་བའི་ལག་རྡང་རིང་་མོ་ད་དུང་མིག་ལ་འཆར འདས་སོང་ལོ་ཟླ་དྲན་ན་དེ་འདྲའི་དགོད་རེ་བྲོ་
ཁྱེད་རང་གློ་བུར་བཞུད་པས་ཡོད་ཚད་སྟོང་བ་རེད
ཁ་བ ཁ་བ་སྙིང་ལྕགས
ཚེ་སྲོག་ལ་འོད་ལ་བརྗེ་བའི་འབུ་མེ་ལྕེབ མཚོ་གཏིང་ཅི་དགར་འཁྱུག་པའི་གསེར་མིག་ཉ
ཁྱེད་ཀྱིས་ང་ལ་ཅིས་ཀྱང་ལན་ཞིག་བྱིན ཅིས་ཀྱང་ལན་ཞིག་བྱིན
ཉིན་དཀར་མི་ཚོགས་ཁྲོད་ནས
གློ་བུར་འཇབ་རྒོལ་བྱས་འགྲོ་སུ་ཡིས་རྟོགས
ཞལ་རས་སྣུམ་པོ་དེ་ ད་དུང་འཛུམ་པ་འདྲ
ཁྱེད་རང་གང་དུ་བཞུད་སོང་ལགས
Musicses在線音樂流媒體平臺

登录您的音乐世界

随时随地,畅听无限好歌

或使用社交账号登录

还没有账户? 立即注册

Musicses在线音乐流媒体平台

创建您的音乐账户

加入我们,开启你的专属音乐之旅

或使用社交账号注册

已经有账户了? 前往登录

Musicses
0:00
/
0:00