情歌 - 白玉扎西
词:民歌
曲:民歌
ཚིག་དང་གདངས། དམངས་གཞས།
ལེན་མཁན་། དཔལ་ཡུལ་བཀྲ་ཤིས།
ནམ་མཁའི་བླ་མ་དཀོན་མཆོག་གསུམ་པོ།
ང་ཅག་ཡ་ཏོ་གཉིས་ལ་ཐུགས་རྗེས་གཟིགས།
ཚེ་སྔོན་དཔྲལ་བའི་རི་མོ་ཡོད་ན།
མི་ཚེ་སུ་སྐྱིད་པ་མི་འདུག།
སྐྱེས་ས་ཡང་སོ་སོ། ཕ་ཡུལ་ཡང་སོ་སོ།
འཛོམས་ས་ང་ཅག་གཉིས་པོ་མ་ཁང་གཅིག་ཏུ་ཡིན།
ཚེ་སྔོན་དཔྲལ་བའི་རི་མོ་ཡོད་ན།
མི་ཚེ་སུ་སྐྱིད་པ་མི་འདུག།
གཏམ་ངན་ལབ་ངན་ཅི་ཟེར་ན་ཟེར་རུ་བཅུག།
དེ་རིང་སང་ཉིན་མ་གཏོགས་མི་ཚེ་མི་འདུག།
ཚེ་སྔོན་དཔྲལ་བའིརི་མོ་ཡོད་ན།
མི་ཚེ་སུ་སྐྱིད་པ་མི་འདུག།
དབྱར་ཟླ་གསུམ་དེ་བུ་ཆུང་(བུ་མོ)ང་ལ་མེད།
མི་ཚེ་ནི་རེ་རེ་མ་གཏོགས་ཀུན་ལ་མེད།
ཚེ་སྔོན་དཔྲལ་བའིརི་མོ་ཡོད་ན།
མི་ཚེ་སུ་སྐྱིད་པ་མི་འདུག།
ཚེ་སྔོན་དཔྲལ་བའིརི་མོ་ཡོད་ན།
མི་ཚེ་སུ་སྐྱིད་པ་མི་འདུག།