炽热心语 - 华语群星
词:日当呷扎
曲:扎西多吉
སྔོན་མོའི་ས་སྒང་ང་ཚོའི་ཁྱིམ་གཞིས་ཡིན།
ལྷུན་པོ་གངས་རི་ཁྱིམ་གྱི་མཆོད་གནས་ཡིན།
ཡངས་བའི་སྤང་ཐང་ཁྱིམ་གྱི་མཛེས་གདན་ཡིན།
དྭངས་གསལ་གཙང་པོ་ཁྱིམ་གྱི་བཞེས་ཆབ་ཡིན།
རིན་ཆེན་གཏེར་ཁ་ཁྱིམ་གྱི་ནོར་བུ་ཡིན།
སྲོག་ཆགས་སེམས་ཅན་ཁྱིམ་གྱི་བུ་རྒྱུད་ཡིན།
དགུང་ཨ་སྔོན་དབྱིངས་ཀྱི་འཇིག་རྟེན་འདི།
ངེད་ལྷོ་རྒྱལ་འཛམ་བུ་གླིང་པ་ཡིན།
སྤུན་ཉི་ཟླ་གཉིས་ཀྱི་འགྲོ་རོགས་ཡིན།
ཨོ་་་་་་་ལས་དབང་གི་ཁྱིམ་གཞིས།
ཨོ་་་་་་་ས་སྒང་གི་གོ་ལ་ལགས།
ཁྱེད་ཀྱིས་ང་ཚོའི་ཚེ་སྲོག་པང་ལ་རུམ་སོང་།
ཁྱེད་ཀྱིས་ང་ཚོའི་མཐོང་རྒྱ་རྒྱང་ལ་བསྐྱེད་སོང་།
ཨོ་་་་་་་ལས་དབང་གི་ཁྱིམ་གཞིས།
ཨོ་་་་་་་ས་སྒང་གི་གོ་ལ་ལགས།
འདི་ནི་ཁྱེད་ཀྱིས་གནང་བའི་བརྩེ་བ་ཡིན།
དེ་རིང་ང་ཚོས་ཁྱེད་ཉིད་ཀྱི་བཀའ་དྲིན་དྲན་བྱུང་།
ས་སྒང་མ་རླག་ཁྱིམ་གཞིས་འཐོར་ནས་འགྲོ།
གངས་རི་མ་བཞུ་ཁྱིམ་ལྷ་འཁྲུག་ནས་འགྲོ།
སྤང་ཐང་མ་སློག་ཁྱིམ་ས་བརྫད་ནས་འགྲོ།
གཙང་པོ་མ་རྙོག་ཁྱིམ་ཆབ་རུལ་ནས་འགྲོ།
གཏེར་ཁ་མ་འབྲུ་ཁྱིམ་གཡང་ཉམས་ནས་འགྲོ།
སེམས་ཅན་མ་གསོད་ཁྱིམ་ར་སྟོང་ནས་འགྲོ།
སྙིང་དྲོན་མོའི་ནང་གི་གཏམ་ཆུང་འདི།
ངས་འཛམ་བུ་གླིང་ལ་རེ་བསྐུལ་ཡིན།
ཐུགས་ཟབ་མོའི་དཀྱིལ་ན་འཇོག་རོགས་མཛོད།
ཨོ་་་་་་་ལས་དབང་གི་ཁྱིམ་གཞིས།
ཨོ་་་་་་་ས་སྒང་གི་གོ་ལ་ལགས།
ང་ཚོས་ཁྱེད་ཀྱི་སྒལ་ལྤགས་མཚོན་གྱིས་བཤུས་སོང་།
ང་ཚོས་ཁྱེད་ཀྱི་བྲང་ཁོག་འཕྲུལ་གྱིས་དཀྲུགས་སོང་།
ཨོ་་་་་་་ལས་དབང་གི་ཁྱིམ་གཞིས།
ཨོ་་་་་་་ས་སྒང་གི་གོ་ལ་ལགས།
འདི་ནི་ང་ཚོས་ཤོར་བའི་ནོར་བ་ཡིན།
དེ་རིང་ཁྱེད་ཀྱིས་ང་ཚོ་ལ་བཟོད་སྒོམ་གནང་རོགས།
ཨོ་་་་་་་ལས་དབང་གི་ཁྱིམ་གཞིས།
ཨོ་་་་་་་ས་སྒང་གི་གོ་ལ་ལགས།
འདི་ནི་ང་ཚོས་ཤོར་བའི་ནོར་བ་ཡིན།
དེ་རིང་ཁྱེད་ཀྱིས་ང་ཚོ་ལ་བཟོད་སྒོམ་གནང་རོགས།