忆梦圆 - 德格叶
词:德格叶
曲:德格叶
ཚིག་རྩོམ་མཁན། གཡེ་རུས་རྐང་།
དབྱངས་རྩོམ་མཁན། གདུགས་དཀར་ཡག
གཞས་གཏོང་མཁན། གདུགས་དཀར་ཡག
༡
ང་ལ་ཡིད་ཆེས་བྱོས། ཁྱོས་སེམས་ཤུགས་བསྐྱེད་ཤོག
ང་ཚོ་མཉམ་དུ་འགྲོ
སེམས་པའི་ནམ་མཁའི་ངོས་སུ།།
ཉི་ཟླའི་འོད་སྣང་འཁྲུངས་ཡོད།།
ང་ཚོའི་སེམས་པ་རེ་རེས།།
མུན་པའི་ནམ་མཁའ་མི་བསློག།
ལམ་ལ་དཀའ་ཁག་ཆེ་ཡང་།།
གཅིག་སེམས་གཅིག་གིས་བསྐྱོར་འགྲོ།
ཕུགས་བསམ་རྒྱང་ལ་ཐོགས་པའི།།
སེམས་པ་རེ་རེས་རྒྱང་རིང་འཚོལ་འགྲོ
ག་ལེ་ག་ལེར་འཚོ་བ་རོལ། རང་ལ་གནོད་ཤུགས་སྤྲོད་དོན་མེད།
མི་ཚེ་མགྱོགས་པོ་ཡིན་ཡང་ཆོག འཚོ་བ་སྐྱིད་པོ་ཡོང་དགོས་རེད།
གྲོགས་པོ་སེམས་མ་སྡུག གྲོགས་པོ་སེམས་མ་སྐྱོ།
ང་ཚོར་རྨི་ལམ་དཀར་པོ་ཡོད།
གྲོགས་པོ་སེམས་མ་འཚབ། གྲོགས་པོ་ཁོ་མ་ཆད།
ང་ཚོའི་རྨི་ལམ་དཀར་པོ་ཡིན།
ཨ་རོགས་ཡིད་ཆེས། ང་ལ་ཡིད་ཆེས་བརྟན་པོ་གནོངས།
ཨ་རོགས་ཡིད་ཆེས། ང་ལ་ཡིད་ཆེས་བརྟན་པོ་གནོངས།
ཨ་རོགས་ཡིད་ཆེས། ཁྱོད་ལ་ཡིད་ཆེས་བརྟན་པོ་ཡོད།
ཨ་རོགས་ཡིད་ཆེས། ཁྱོད་ལ་ཡིད་ཆེས་བརྟན་པོ་ཡོད།
༢
སྟོང་བའི་ནམ་མཁའི་ངོས་སུ།།
རྨོངས་པའི་ལག་པ་མི་བསྲིང།།
ལོ་ཟླས་ཁྱུར་མིད་བཏང་བའི།།
འདས་དོན་མིག་ལ་མི་བསྐྱོམ།།
མ་འོངས་ལོ་ཟླའི་ཁྲོད་དུ།།
སྟོང་བསམ་ཆུ་རིས་མི་བདའ།།
རེ་བའི་གཤོག་པ་བརྐྱངས་ཏེ།།
སེམས་པ་རེ་རེས་རྨི་ལམ་འཚོལ་འགྲོ
ག་ལེ་ག་ལེར་སྐད་ཆ་ཤོད། རང་ལ་བྲེལ་འཚུབ་སློང་དོན་མེད།
སེམས་ཀྱི་རྒྱུ་སྤུན་བསྣོག་ཀྱང་ཆོག སེམས་པས་དབྱར་ཁ་མྱོང་ཆོག་རེད།
གྲོགས་པོ་སེམས་མ་སྡུག གྲོགས་པོ་སེམས་མ་སྐྱོ།
ང་ཚོར་རྨི་ལམ་དཀར་པོ་ཡོད།
གྲོགས་པོ་སེམས་མ་འཚབ། གྲོགས་པོ་ཁོ་མ་ཆད།
ང་ཚོའི་རྨི་ལམ་དཀར་པོ་ཡིན།
ཨ་རོགས་ཡིད་ཆེས། ང་ལ་ཡིད་ཆེས་བརྟན་པོ་གནོངས།
ཨ་རོགས་ཡིད་ཆེས། ང་ལ་ཡིད་ཆེས་བརྟན་པོ་གནོངས།
ཨ་རོགས་ཡིད་ཆེས། ཁྱོད་ལ་ཡིད་ཆེས་བརྟན་པོ་ཡོད།
ཨ་རོགས་ཡིད་ཆེས། ཁྱོད་ལ་ཡིད་ཆེས་བརྟན་པོ་ཡོ