俄波活佛住世祈祷文 - 甲雍
词:多智钦·丹贝尼玛
曲:甲雍喇嘛
༄༅། ། དཔལ་ཨུ་རྒྱན་ཆོས་ཀྱི་རྒྱལ་པོའི་སྐུ། །
དོན་འགག་མེད་བདེ་ཆེན་ལོངས་སྤྱོད་རྫོགས། །
ཐབས་གཉིས་མེད་སྤྲུལ་བའི་ཟློས་གར་མཆོག །
དཔལ་ཨུ༵་རྒྱན༵་བླ་མ་རྡོ་རྗེ་འཆང་། །
བསླབ་གསུམ་གྱི་ཚུལ་ལ་རྣམ་པར་དག །
ཤེས་བྱ་ཡི་བློ་གྲོས་རབ་ཏུ་རྒྱས། །
ཐུགས་ཟབ་མོ་གསང་ཆེན་ངེས་ལམ་ནས། །
ཐེག་མཆོག་གི་མན་ངག་མཐའ་རུ་འཁྱོལ། །
མགོན་འཆི་མེད་ཚེ་ཡི་ལྷ་མཆོག་གིས། །
རིག་འཛིན་གྱི་སྐྱེས་མཆོག་ཇི་སྲིད་བར། །
སྐུ་མི་འགྱུར་རྡོ་རྗེར་བརྟན་བཞུགས་གསོལ། །
ཆོས་བདུད་རྩིས་འགྲོ་རྣམས་སྨི༵ན་ཅིང་གྲོལ༵། །
དོན་གཉིས་ཀྱིས་ལྷུན་གྲུབ་རྒྱལ་ས་ཐོབ། །
ཟག་མེད་ཀྱི་འཇའ་ལུས་མདུད་རྒྱ་གྲོལ། །
ཚོགས་གཉིས་རྫོགས་བྱང་ཆུབ་མངོན་འགྱུར་ཤོག །